༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༤ པའི་མཛད་སྒོར་ཆེད་དུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ (Mikuláš Peksa) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་སཱ་ལི་མཱ་ཡན་བྷོ་ (Salima Yenbou) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཧན་ནེ་སི་ (Hannes Heide) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨོ་སི་ར་མལ་ཌེ་ཀཡི་ནེ་ (Aušra Maldeikienė) མཆོག་བཅས་ལས་གྲུབ་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་ཕྱག་རོགས་ལས་བྱེད་རྣམ་པ་དང་མཇལ་འཕྲད་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སན་ (Damon Wilson) ལགས་དང་། ལས་བྱེད་པདྨ་ལགས། ལས་བྱེད་མོ་ན་ཌེ་ཝི་ (Mona Dave) ལགས། གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་ལི་ཐུ་ནི་ཡཱའི་གྲོོས་ཚོོགས་འཐུས་མིི་སྐུ་ཞབས་ཨ་རུ་ན་སིི་ཝ་ལིིན་སིི་ཀསིི་ལགས་དང་། མེེཀ་སིི་ཀོོའིི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོོར་ཁ་རོོ་ལགས་ཀྱིས་གཙོས་པའིི་གྲོོས་ཚོོགས་འཐུས་མིི་དགུ་ལས་གྲུབ་པའིི་སྐུ་ཚབ་ཚོོགས་ཆུང་དང་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་མ་འོངས་ལས་གཞི་སོགས་ཀྱི་སྐོར་བཀའ་བསྡུར་གནང་ལྷུག་པོ་གནང་ཡོད་པ་བཅས། །