༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ ཆུང་སྐབས་ ༡༡ པས་བོད་མིའི་སྒྲིག་འཛུགས་ལས་ཁུ ངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ ་ཚན་གྲངས་ ༢༤༢ ཀྱི་གཙོ་བོ་རྩིས་ལོ་ ༢༠༡༨་་་༢༠༡༩ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་ གི་ལན་འདེབས་བཅས་ལ་ཞིབ་འཇུག་དང་ ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐ བས་ ༡༠ པའི་སྙན་ཐོར་འཛིན་སྐྱོང་ནས་མཇུ ག་སྐྱོང་བྱས་ཟིན་པ་རྣམས་ལ་ཞིབ་ འཇུག རྩིས་ལོ་ ༢༠༡༨ གོང་གི་སྙན་ཐོར་ཐུགས་ཞིབ་མ་བྱུ ང་བའི་རིགས་བཅས་ལ་ཞིབ་འཇུག་གིས་ མུ་མཐུད་མཇུག་སྐྱོང་དགོས་རིགས་ སྙན་ཐོར་འགོད་རྒྱུ་སོགས་ལེགས་གྲུ བ་ཀྱིས་ལས་དོན་མཐའ་དག་མཇུག་བསྒྲི ལ་གནང་ཡོད།
དེ་ཡང་ཚོགས་ཆུང་གི་ཚོགས་གཙོ་སྤྱི ་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་ མཚན་ལགས་དང་། ཚོགས་དྲུང་སྤྱི་འཐུས་ཆོས་གྲགས་ རྒྱ་མཚོ་ལགས། ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་ གྲུབ་བཀྲ་ཤིས་ལགས། ཚོགས་མི་སྤྱི་འཐུས་ཚེ་རིང་དབྱ ངས་ཅན་ལགས། ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོ ས་འཛིན་ལགས་བཅས་ལས་གྲུབ་པའི་ མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐ བས་ ༡༡ པས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ མཆོག་གི་དྲུང་ནས་ལས་དོན་གནང་ཕྱོ གས་ཀྱི་ལམ་སྟོན་ཞུས་རྗེས། རྩིས་སྙན་ཞིབ་འཇུག་གི་ལས་དོན་ དབུ་འཛུགས་ཀྱིས་ད་བར་ཟླ་བ་དགུ་ མ་ཟིན་ཙམ་གྱི་རིང་བོད་མིའི་སྒྲི ག་འཛུགས་ཀྱི་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ ་ཚན་གྲངས་ ༢༤༢ ཀྱི་གཙོ་བོ་རྩིས་ལོ་ ༢༠༡༨་་་༡༩ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་ གི་ལན་འདེབས་སོགས་ལ་ཞིབ་འཇུག་ གནང་ཡོད།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་ ལམ་སྟོན་དང་། དམིགས་བསལ་རྩིས་ཞིབ་སྙན་ཐོ་གཞི་ ལ་བཞག་ནས་ཞིབ་འཇུག་གིས་ཐག་གཅོད་ དང་ལམ་སྟོན་ཇི་བྱས་ཀྱི་གྲུབ་འབྲ ས་གནས་སྟངས་བཅས་ཀྱི་སྙན་ཐོ་སྐ བས་བཅུ་བདུན་པའི་བོད་མི་མང་སྤྱི ་འཐུས་གྲོས་ཚོགས་ཚོགས་དུས་ ༥ པར་སྙན་སྒྲོན་ཞུ་རྒྱུ་ཡིན་པ་དང་ ། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེ ་རིང་ཚོགས་དྲུང་ལས་ཁུངས་ཀྱི་དྲུ ང་ཆེ་བསོད་ནམས་རྡོ་རྗེ་ལགས་སུ་ ཕུལ་གནང་ཡོད་པ་བཅས། །