༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཀྲུ་ཀྲིང་ས་གནས་འཐུས་ཚོགས་སྐབས་ ༥ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ཟླ་བ་ལྷ་མོ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། དེ་རིང་སྟེ་ཕྱི་ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༩༌༠༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་ཀྲུ་ཀྲིང་ས་འཐུས་སྐབས་ ༥ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༧ ཡོངས་རྫོགས་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་སངས་རྒྱས་དོན་གྲུབ་ལགས་དང་ཚོགས་གཞོན་དུ་དཔལ་འབྱོར་དོན་གྲུབ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་གནང་འདུག་པའི་གནས་ཚུལ་དུ། །
གསར་གནས།
འབྲེལ་གནས།