༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས་ ༢༨ བོད་དོན་ཞུ་སྐུལ་ཉིན་དྲུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་ཐུན་མོང་ནས་རྒྱ་གར་རྒྱལ་ཡོངས་ཆབ་སྲིད་ (National political party in India) ཚོགས་པའི་ཚོགས་མི་དང་། (Aam Aadmi Party) སྲིད་དོན་ཚོགས་པའི་ཚོགས་མི། ལྡི་ལི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ལཌ་སིངྒ་སའོ་ནེ་ (Shri Parlad Singh Sawhney) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུགམཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་སྐུ་ཞབས་ཁོང་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དེབ་དང་། བོད་དོན་ཞུ་སྐུལ་སྙན་ཞུ་བཅས་ཕུལ་རྗེས། སྐུ་ཞབས་ཁོང་ནས་ད་བར་ལྡི་ལི་ས་གནས་བོད་མིའི་བདེ་སྡུག་ལ་ཐུགས་ཁུར་དང་། མཐུན་འགྱུར་རྒྱབ་སྐྱོར་གང་ཐུབ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་མ་འོངས་པར་མུམཐུད་ལྡི་ལིར་གནས་སྡོད་བོད་མི་ཚོར་རོགས་རམ་གནང་རོགས་ཞུས་སྐབས། སྐུ་ཞབས་ཁོང་ནས་དེ་ལྟར་གནང་རྒྱུའི་ཞལ་བཞེས་དང་། དེ་ནི་ཁོང་གི་འོས་འགན་ཡིན་ཞེས་གསུངས་འདུག གཞན་ཡང་སྤྱི་འཐུས་རྣམ་པས་ཁོང་གི་བུ་པུ་ནར་ཌིབ་སིངྒ་སཱ་ནི་ (Shri Punardeep Singh Sahni, MCD Councillor) ལགས་ (AAP) སྲིད་དོན་ཚོགས་པའི་མདུན་ལམ་སློབ་སྟོན་པར་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།