༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༠༨ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་། མི་སྣ་མཇལ་འཕྲད་སླད་གནས་མཆོག་རྡོ་རྗེ་གདན་དུ་ཕྱོགས་ཕེབས་གནང་རྒྱུ་དང་། དེ་བཞིན་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ། ལྡི་ལི་བོད་ཁང་གི་གོ་སྒྲིག་འོག་ཀུན་ཁྱབ་བཟང་སྤྱོད་ཀྱི་ཚོགས་འདུར་ཕེབས་རྒྱུ། གཞན་ཡང་ཚོགས་སྡེ་ཁག་ཏུ་འཚམས་གཟིགས་གནང་རྒྱུ་སོགས་ཀྱི་ཆེད་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།