༄༅། །སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༢ ནས་བཟུང་གཟའ་མཇུག་ནམ་ཡིན་ལ་བོད་མི་འདུས་སྡོད་མང་ཤོས་ཀྱི་གྲོང་ཁྱེར་ཨན་ཊི་ཝར་པན་ (Antwerpen) དུ་འགོ་བཙུགས་ཏེ་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་བོད་མི་འདུས་སྡོད་ཁག་ཏུ་ཕྱི་ལོ་ ༢༠༢༢ ནས་ཕྱི་ལོ་ ༢༠༢༣ བར་གྱི་རྩིས་ལོའི་དང་བླངས་དཔྱ་དངུལ་བསྡུ་ལེན་གནང་ཡོད།
དེ་ཡང་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་དང་ལྷན་དུ་བོད་མི་འདུས་སྡོད་ཀྱི་ས་ཁུལ་གྷན་ཌི་ (Ghent) དང་། ལིའུ་ཝན། (Leuven) ཨོ་སི་ཊན་ཌེ། (Oostende) གྲོང་ཁྱེར་ (Brugge) བཅས་ལ་ཆེད་ཕེབས་ཀྱིས་དང་བླངས་དཔྱ་དངུལ་བསྡུ་ལེན་གནང་ཡོད། གཞན་ཡང་ནི་དར་ལེནྜའི་ནང་གནས་སྡོད་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༣ ཉིན་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་ནི་དར་ལེནྜའི་རྒྱལ་ཨེམ་སི་ཊར་ཌེམ་ (Amsterdam) དུ་ཆེད་ཕེབས་ཀྱིས་ཉིན་གྲངས་གཅིག་རིང་མི་གྲངས་༢༣༠ ཡི་དང་བླངས་དཔྱ་དངུལ་བསྡུ་ལེན་གནང་ཐུབ་ཡོད་པ་བཅས།།