༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༠༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། ཤེས་རིག་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ཐུན་མོང་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུས་ཏེ་གཉན་ནད་རེག་དུག་གི་སྐོར་གོ་རྟོགས་སྤེལ་ཡོད། འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ལ་གཉན་ནད་རེག་དུག་གི་སྐོར་གོ་རྟོགས་དང་སྔོན་འགོག་སླད་ཡིན།
དེ་ཡང་བཙན་བྱོལ་བོད་མིའི་གཞིས་ཆགས་དང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན་གཉན་ནད་རེག་དུག་དང་འབྲེལ་བའི་སྐོར་གཏམ་བཤད་དང་། རྩེད་མོ། རྩོམ་ཡིག རི་མོ་སོགས་གོ་སྒྲིག་གནང་སྟེ་གཉན་ནད་རེག་དུག་སྔོན་འགོག་གི་སྐོར་གོ་རྟོགས་སྤེལ་ཡོད། འཕྲོད་བསྟན་ལས་ཁུངས་ནས་གཉན་ནད་རེག་དུག་སྔོན་འགོག་དང་རིན་མེད་བརྟག་དཔྱད་གནང་གི་ཡོད་པ་མ་ཟད། སྨན་བཅོས་ཀྱི་མཐུན་རྐྱེན་ཡང་གནང་གི་ཡོད་ལ། དེ་བཞིན་གཉན་ནད་རེག་དུག་གི་ནད་པ་རྣམས་ལ་ཟླ་རེར་ཧིན་སྒོར་ ༣༠༠༠ རེ་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་བཅས།།