༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༤ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇ་ཡ་རཱམ་ཋཱ་ཀུར་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་མཇལ་བཅར་ཞུས་ཡོད།
དེ་ཡང་མཇལ་ཁ་གྲུབ་མཚམས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། ཁོང་གི་བྱིན་རླབས་དང་ཐུགས་རྗེའི་གཟིགས་པ་ལ་བརྟེན་ནས་རྡ་རམ་ས་ལ་དེ་བཞིན་རྒྱལ་སྤྱིའི་ཡུལ་སྐོར་བའི་ས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད་ཅེས་དང་།
དེ་བཞིན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ཆོས་དད་རང་དབང་དང་ཆོས་ལུགས་མཐུན་འབྲེལ་བཟང་པོ་ཡོད་པར་བསྔགས་བརྗོད་དང་འབྲེལ་དེ་ཉིད་ཀྱི་ཆེད་མུ་མཐུད་མཛད་འཕྲིན་བསྐྱང་རྒྱུའི་དགོངས་བཞེད་ཡོད་སྐོར་བཀའ་སྩལ་བྱུང་ཞེས་ལན་འདེབས་གནང་ཡོད་པ་བཅས།།