༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༨ ཉིན་ཧུན་སུན་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་ལས་ཚབ་བཀྲ་ཤིས་བུ་ཁྲིད་ལགས་དང་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད།
རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཕེབས་ཡོད་ཅིང་། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་གྲུབ་མཚམས་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཞིས་ཆགས་ཀྱི་ཚོགས་ཁང་དུ་གཞིས་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་བཅས།།