༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་ གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོ ར་ལྷན་ཚོགས་ཐེངས་བདུན་པའི་མཇུག་ བསྡོམས་མཛད་སྒོ་འཚོགས་རྒྱུའི་ཐོ ག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག་སྐུ་མགྲོན་གཙོ་བོར་ གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི ་ཚེས་ ༢༨ ཉིན་བཞུགས་སྒར་རྡ་ས་ནས་རྒྱལ་ས་ ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༣༠ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །