༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྣེ་ཁྲིད་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ཉིན་ལི་ཐུ་ཝེ་ནི་ཡའི་ (Lithuania) རྒྱལ་ས་ཝིལ་ནི་ཡེ་སེ་ (Vilnius) ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་མཆོག་དང་། དྲུང་ཆེ་ལས་རོགས་རྣམ་གཉིས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
གཞན་ཡང་བོད་མི་མང་སྤྱི་འཐུས་རྣ མ་པ་ལི་ཐུ་ཝེ་ནི་ཡའི་རྒྱལ་ས་ཝི ལ་ནི་ཡེ་སེ་ (Vilnius) རུ་རྟེན་གཞི་བྱས་པའི་སྔ་འགྱུར་ རྙིང་མ་པ་འཛམ་གླིང་རྒྱལ་ཡོངས་རི ག་འཛིན་འདུས་སྡེའི་ཡན་ལག་ཡུ་རོ བ་ཤར་མའི་ལི་ཐུ་ཝེ་ནི་ཡ་ (Lithuania) སྔ་འགྱུར་རིག་འཛིན་དགའ་ཚལ་གླིང་ ཆོས་ཚོགས་སུ་མཆོད་མཇལ་གཟིགས་སྐོ ར་གནང་རྗེས། ཐེངས་འདིའི་ཡུ་རོབ་ལི་ཐུ་ཝེ་ནི་ ཡའི་རྒྱལ་ཁབ་ནང་གི་གཞུང་འབྲེལ་ ལས་དོན་ཆ་ཚང་ལེགས་གྲུབ་བྱུང་ཡོ ད་པ་བཅས། །