༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་གློ་སྒྲིག་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་ཚོགས་མི་གསར་འདེམས་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ཆ་རྐྱེན་འོག་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། དེ་རིང་སྟེ་ཕྱི་ཚེས་ ༨ སྔ་དྲོ་ཚོུད་ ༡༠༌༣༠ ཐོག་སྤོག་ར་གློ་སྒྲིག་ས་འཐུས་ཚོགས་ཁང་དུ་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༤ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་འཕྲིན་ལས་ཀུན་ཕན་ལགས་དང་ཚོགས་གཞོན་བཀྲ་ཤིས་ཆོས་འཕེལ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །
གསར་གནས།
འབྲེལ་གནས།