༢༠༡༡ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གའི་བོད་ཡིག་ཚན་པའི་གསར་འགོད་པས་རྡོར་གླིང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན་ཉེ་ལམ་རྔ་པས་གཙོས་བོད་ནང་གི་ས་ཁུལ་གཞན་ཁག་ཏུ་ཛ་དྲག་གི་གནས་སྟངས་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་འཛམ་གླིང་ས་ཁུལ་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་ལས་འགུལ་སྤེལ་མུས་ལྟར། རྒྱ་གར་བྱང་ཤར་རྡོར་གླིང་ཁུལ་དུའང་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་ (CHOW RASTA) ཞེས་པའི་ཐང་ཆེན་དུ་རྡོར་གླིང་ཁུལ་གྱི་ས་གནས་བོད་རིགས་མི་མང་ཁྱོན་མི་གྲངས་ ༤༠༠ བརྒལ་བས་བཟས་བཅད་ངོ་རྒོལ་ཉིན་གང་གནང་ཡོད་པ་མཟད། ཕྱི་དྲོ་ཆུ་ཚོད་ ༥ ཐོག་མར་མེའི་ཁྲོམ་སྐོར་ཡང་གནང་ཡོད་པ་བཅས།།
རྡོར་གླིང་ཁུལ་གྱི་ས་གནས་བོད་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་བྱས་པ།
གསར་གནས།
འབྲེལ་གནས།