༄༅། །འདི་གར་དབུས་འོས་བསྡུ་ལས་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུའི་འགན་ འཛིན་རྣམས་ལ་རྒྱལ་སྤྱིའི་འོས་བསྡུ་ འགྲོ་ལུགས་དང་བཙན་བྱོལ་བོད་མིའི ་འོས་བསྡུ་སྒྲིག་གཞི་གཉིས་ཀྱི་ སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༦ ནས་ ༠༨ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ (India International Centre) དུ་རྒྱ་གར་ལྷོ་ བྱང་ཁུལ་གྱི་ས་གནས་འོས་བསྡུའི་འགན་ འཛིན་གྲངས་ ༣༠ མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་སྒང་ཏོག་བོད་ཀྱི ་གསོལ་མགྲོན་ཁང་དུ་བལ་ཡུལ་དང་། འབྲུག རྒྱ་གར་བྱང་ཤར་ས་གནས་འོས་བསྡུའི་འགན་འཛི ན་གྲངས་ ༡༦ ཙམ་ལའང་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ་ཡིན་ པ་བཅས། །
![](https://bod.jalus.net/wp-content/uploads/2022/10/043b723f-eeb9-41fe-bac7-b717530dc736-e1665046519857.jpeg)
![](https://bod.jalus.net/wp-content/uploads/2022/10/d9cc3bad-c0e1-4d04-9e18-dbf4d7f5e6d7-e1665046542870.jpeg)
![](https://bod.jalus.net/wp-content/uploads/2022/10/408a114e-046e-4295-9e40-85c9a3355fcf-e1665046599484.jpeg)