༢༠༡༡ ཟླ་ ༡༠ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་ཟླ་ ༩ ཚེས་ ༡༥ བར་ཟླ་བ་དྲུག་རིང་བྱང་ཨ་རིའི་ཁྱབ་ཁོངས་དང་བླངས་དཔྱ་དངུལ་ལག་དེབ་གསར་པ་བཟོས་ པ་དང་། ནོར་བཅོས་བྱས་པ། བོར་བརླག་སོང་བའི་ཚབ་གསར་བཟོ་བྱས་པ། དེ་བཞིན་དེ་སྔའི་ཞུ་སྙན་མཇུག་སྣོན་ཞུས་པ་བཅས་ཁྱོན་བསྡོམས་གྲངས་ ༤༡༣ བྱུང་ཡོད། དེའི་ཁོངས་ནས་དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་དེབ་གསར་བཟོ་ཞུས་ཟིན་པ་དེབ་གྲངས་ ༡༥༨ ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་མཇུག་སྐྱོང་བྱེད་བཞིན་པ་གྲངས་ ༣༢ དཔལ་འབྱོར་ལས་ཁུངས་ནས་མཇུག་སྐྱོང་གནང་བཞིན་པ་གྲངས་ ༨༢ ཞུ་སྙན་ཕུལ་འབྱོར་བྱུང་ཡང་ཆ་རྐྱེན་ཚང་མིན་དབང་གིས་ས་གནས་བོད་རིགས་སྤྱི་ མཐུན་ཚོགས་པ་ཁག་སོ་སོར་ཕྱིར་སློག་བྱས་ཀྱང་། མཇུག་སྐྱོང་བྱེད་ཆེད་དོན་ཁང་དུ་ལན་འདེབས་མ་བྱུང་བ་གྲངས་ ༡༤༡ ཆགས་ཀྱི་ཡོད་པ་བཅས།།
ཟླ་དྲུག་རིང་གི་བྱང་ཨ་རིའི་ཁྱབ་ཁོངས་བོད་མི་རྣམས་ཀྱི་དང་བླང་དཔྱ་དངུལ་ལག་དེབ་གནས་སྟངས།
གསར་གནས།
འབྲེལ་གནས།