༄༅། །བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ནང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་ནས་དང་བླངས་དཔྱ་དངུལ་དང་ཟས་བཅད་དོད། ཕོགས་ཐོབ་བརྒྱ་ཆའི་འབབ་བཅས་ཨ་སྒོར་འཛའ་འབབ་འབུལ་དགོས་པ་ཞེས་གསལ་བ་ལྟར། རྒྱལ་ཁབ་འདྲ་མིན་དུ་གནས་སྡོད་བོད་མི་ཁག་གཅིག་གིས་དང་བླངས་དཔྱ་དངུལ་བསྡུ་འབུལ་སྐབས་འཛའ་ཐང་འདྲ་མིན་རྩིས་སྐོར་ཞུ་བཞིན་ཡོད་པར་འཛའ་ཐང་རྩིས་སྐོར་གཅིག་མཚུངས་ཡོང་སླད། རྩིས་ལོ་ ༢༠༢༢་་་༢༣ ལོའི་ནང་ཨ་སྒོར་དང་རྒྱལ་ཁབ་ཁག་ ༡༧ གྱི་འཛའ་བསྒྱུར་གཏན་འབེབས་ཞུས་ཡོད། རྒྱལ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་ནས་རྩིས་ལོ་འདིའི་འབུལ་འབབ་གཏན་འབེབས་འཛའ་འབབ་ཐོག་རྩིས་སྐོར་གྱིས་འབུལ་གནང་དགོས་པ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག བོད་རིགས་ཚོགས་པ་སོགས་ནས་འཛའ་འབབ་གཏན་འབེབས་ལྟར་དཔྱ་དངུལ་བསྡུ་བཞེས་ཕྱག་བསྟར་ངེས་གནང་དགོས། དྲ་ཐོག་ནས་དཔྱ་དངུལ་འབུལ་མཁན་རྣམས་གོང་འཁོད་གཏན་འབེབས་འཛའ་ཐང་རྩིས་སྐོར་ཞུ་མི་དགོས་པར་དཔྱ་དངུལ་འབུལ་སྐབས་དྲ་ཐོག་འཛའ་འབབ་ཇི་ཡིན་རྩིས་སྐོར་གྱིས་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༢༩ ལ།།
གསར་གནས།
འབྲེལ་གནས།