༢༠༡༡ ཟླ་ ༩ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །མ་ན་ལིའི་ས་གནས་འགི་འཛིམ་ལས་ཁང་ནས་བཏང་གནས་ནང་འཁོད་དོ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༩ ནས་ ༢༤ བར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བིར་བྷ་རྡུར་སིང་མཆོག་ ༼Shri. Raja Virbhadar Singh Ji༽ ཀུ་ལུ་རྫོང་ས་གནས་མ་ན་ལི༌། ཀུ་ལུ། ལཱཧོར། ཀེ་ལོང་དུ་གཞུང་འབྲེལ་གཟིགས་སྐོར་ཕེབས་ཡོད་པ་དང༌། ཕྱི་ཚེས་ ༡༩ དང་ ༢༤ ཉིན་འདི་ག་ཀུ་ལུ་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས་ཚོགས་གཙོ་དང་འཐུས་མི་ལྷན་རྒྱས། རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ། ཀུ་ལུ་མ་ན་ལི་ས་གནས་ཚོང་པ་བདེ་དོན་སྒྲིག་འཛུགས་ཀྱི་ཚོགས་གཞོན། གཞུང་འབྲེལ་མ་ཡིན་པའི་ཚོགས་གཙོ་དང་མ་ན་ལི་སྤྱི་མི་བརྒྱ་དཔོན་བཅས་ནས་རང་ ལུགས་ཆས་གོས་གྱོན་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་ནས་ཧི་མཱ་ལའི་རྙིང་དགོན་དུ་ཁོང་གི་ ཚོགས་པའི་མི་སྣ་དང་གཞན་ནང་པའི་དད་ལྡན་ཡོངས་ལ་མཇལ་འཕྲད་གནང་པ་དང་བོད་མི་ རྣམས་ལ་གསུང་བཤད་གནང་དོན། ཁོང་གི་ཕ་བརྒྱུད་བུ་བརྒྱུད་ནི་ཧིན་དུ་དང་ནང་པའི་ཆོས་ལུགས་ཟུང་འབྲེལ་གྱི་དད་ པ་གནང་བཞིན་ཡོད་ལ། དེ་ཡང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་འོད་ཟེར་གྱི་བྱིན་ རླབས་འོག་དད་པ་དམ་ཚིག་བླུ་བ་མེད་པར་ཐོག་བཞུགས་ཐུབ་ཡོད། ད་ཡོད་རྙིང་མའི་དགོན་པ་གསར་བསྐྲུན་སྐབས་ཀུ་ལུ་མ་ན་ལི་གནས་སྡོད་བོད་མི་དང་ གཞན་ནང་པའི་དད་ལྡན་མི་མང་རྣམས་ཀྱིས་འཕྱར་གྲུ་མཉམ་འདེགས་ཀྱིས་ལེགས་གྲུབ་ བྱུང་བ་ཞིག་ཡིན་པ་དང༌། ཆབས་ཅིག་བོད་པའི་འཐབ་རྩོད་དེ་ནི་བདེན་པའི་འཐབ་རྩོད་ཡིན་པ་དང་མགྱོགས་ནས་ མྱུར་དུ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་མདུན་ཡོད་ཅེས་སོགས་ཀྱི་གསུང་བཤད་ གནང་ཡོད།
ཁོང་གིས་གཞུང་འབྲེལ་མཚམས་གཟིགས་དང་སྟབས་བསྟུན་འདི་གར་གནས་སྡོད་བོད་མི་ཡོངས་ ནས་དབུས་དང་ས་གནས་རྒྱ་གར་གཞུང་མང་ཡོངས་ལ་བཀའ་དྲིན་ལེགས་གསོ་དང་ལྷག་པར་དུ་ གནས་ཚང་ཧི་མ་ཅལ་མངའ་སྡེ་གཞུང་དང་མི་མང་གིས་འདས་པའི་ལོ་ངོ་ཧྲིལ་པོ་ང་གཅིག་ རིང་བོད་མི་རྣམས་བཙན་བྱོལ་དུ་གནས་རིང་མཐུན་འགྱུར་དང་རོགས་མགོན་ལ་ཡིད་རང་ བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་སྟོན་པའི་ཞལ་ཐང་ཞིག་སྤྱི་ཁྱབ་མངའ་ སྡེའི་བློན་ཆེན་ཟུར་པ་མཆོག་ལ་ཕྱག་རྟགས་སུ་ཕུལ་ཡོད།
གོ་སྐབས་དེ་བཟུང་ནས་འདི་ག་ས་གནས་ནས་ ༼Ration Card༽ ཟ་འབྲུའི་ལག་དེབ་མངའ་སྡེ་གཞུང་ནས་གནང་ཡོད་ཀྱང་འདི་ག་མངའ་སྡེའི་བོད་མི་ས་ ཁུལ་གཞན་དང་མི་འདྲ་བ་ཐོབ་བྱ་ཡོངས་རྫོགས་ཐོབ་ཀྱི་མེད་པས། སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་ལ་དཀའ་ངལ་དེ་དག་དོན་སྨིན་སོན་པ་དང་ལྷག་པར་དུ་ འདི་ག་མངའ་སྡེའི་བོད་མི་ས་ཁུལ་གཞན་སྤྱི་མཚུངས་ཀྱི་མཐུན་འགྱུར་ཡོངས་ཐབས་རེ་ སྐུལ་ཞུས་པ་བཞིན་ཁོང་གི་འབྲེལ་ཡོད་མངའ་སྡེའི་ལས་ཁུངས་ལ་འབྲེལ་བ་གནང་ཏེ་དཀའ་ ངལ་དེ་སེལ་ཐབས་གནང་རྒྱུའི་ཞལ་བཞེས་ཐོབ་བྱུང༌། ཐེངས་འདིའི་གཟིགས་སྐོར་ལ་བོད་མི་རྣམས་ཆད་ལྷག་མེད་པར་ཁོང་ལ་ཕེབས་བསུ་སྣེ་ ལེན་ཞུ་བར་བཅར་ཐུབ་པ་བྱུང་ཡོད་པ་བཅས།།
ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཀུ་ལུ་མ་ན་ལིར་མཚམས་གཟིགས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་གནང་བ།
གསར་གནས།
འབྲེལ་གནས།