༢༠༡༡ ཟླ་ ༩ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༦ ཙམ་ལ་འབྲས་ལྗོངས་ཁུལ་དུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༠ ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ཅམ་ལིང་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་འཁོད་དོན།
ངོས་རང་ཧི་མ་ལ་ཡའི་རི་རྒྱུད་དང་ལྷག་པར་འབྲས་ལྗོངས་ཁུལ་དུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོས་སྐབས་ཧ་ཅང་བློ་ཕམ་ཆེན་པོ་བྱུང། ཉེ་དུས་སུ་ས་ཡོམ་ཚབས་ཆེ་ཤོས་བྱུང་བ་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་ཚོར་གདུང་སེམས་མཉམ་སྐྱེའི་སེམས་གསོ་བྱེད་རྒྱུ་མ་ཟད། དངོས་ཤུགས་བརྒྱུད་གསུམ་ནས་གོད་ཆག་དེའི་འོག་གནོད་འཚེ་ཕོག་པ་རྣམས་ལའང་སེམས་གསོ་དང་དཀའ་ངལ་ལས་མྱུར་དུ་རྒྱལ་ཐུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་འབྱུང་བའི་རྐྱེན་ངན་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་པ་དང་ལྷན་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་འབྲས་ལྗོངས་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ལྔ་ཞལ་འདེབས་གསོལ་རས་སྩལ་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)