ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༨ ཕྱི་ཟླ་ ༦ ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཞུགས་སྒར་ནས་སྟོན་འཁོར་ལྷན་རྒྱས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཞབས་སོར་འཁོད་རྒྱུ་དང་། ཚེས་ ༡༠ ཉིན་གྱི་དགོང་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སིཌི་ཌྷི་དུ་ཆིབས་སྒྱུར་བསྐྱང་སྟེ་ཉིན་གྲངས་ ༥ རིང་གི་མཛད་འཆར་ཁག་བསྐྱང་རྗེས་ཚེས་ ༡༦ ཉིན་ཨོ་སི་ཀྲོ་ལི་ཡ་ནས་མཁའ་ལམ་བརྒྱུད་འཇོར་ཌན་རྒྱལ་ཁབ་ཏུ་ཆིབས་སྒྱུར་བསྐྱང་སྟེ་ཉིན་གྲངས་ ༣ རིང་འཇོར་ཌན་རྒྱལ་ཁབ་ཏུ་མཛད་འཆར་ཁག་བསྐྱང་གྲུབ་རྗེས་ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱང་སྟེ་ཉིན་རྒྱབ་བཞུགས་སྒར་དུ་ཞབས་སོར་འཁོད་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།