༄༅། །འདི་གར་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་
སྐབས་དེར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་སྦེང་ལོར་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་ལགས་དང་། ས་གནས་རང་བདེན་ཚོགས་ཚུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ། གྲོང་སྡེ་ཁག་གི་སྤྱི་མི། དེ་མིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད།
དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་བློ་བཟང་ཡེ་ཤེས་ལགས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་གནས་ཟུང་དྲུང་ཚད་མཉམ་གྱི་ཆོད་གན་ཐོག་བསྐོ་གཞག་གནང་ཡོད་པ་བཅས།།