༢༠༡༡ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་སྩལ་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༣༠ དང་ ༣༡ ཉིན་སྔ་དྲོའི་ཆོས་ཐུན་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དང་། ཉིན་རྒྱབ་ཆུ་ཚོད་ ༡། ནས་ ༣། བར་བཅས་ཡིན་འདུག ཕྱི་ཟླ་ ༩ ཚེས་ ༡ ཉིན་སྔ་དྲོ་ཆོས་ཐུན་གཅིག་སྩལ་རྒྱུ་ཡིན་འདུག་པ་བཅས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཁྲྲིད་སྩལ་རྒྱུ་ཡིན་འདུག
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)