༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།
༡༽ ཨོ་སི་ཀྲེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒ་ལགས་ནི། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༦ ཉིན་ནས་དྲུང་ལས་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་ལ་དྭགས་མཉམ་སྦྲེལ་རྩིས་པར་ལས་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡༩ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལ་དྭགས་མཉམ་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༠༥ ཚེས་ ༠༡ ནས་སྤོན་ཊ་ཆོལ་གསུམ་གྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༠༢ ཚེས་ ༠༢ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་ ༡༡ ཚེས་ ༢༢ ནས་ལ་དྭགས་གཞིས་སྤྱིར་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༤ ནས་མེའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༢ ནས་འཆར་འགོད་ལྷན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༡ ནས་སྦིར་བོད་ཚོགས་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༡༦ ནས་ཀུ་ལུ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢ ནས་ཀོ་ལི་གྷལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་སྦེང་ལོར་ལྷོ་སྤྱིར་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་ཤེས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ ནས་ཨོ་སི་ཀྲེ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་ལས་བཅར་མ་ཞུས་པར་བཀའ་ཡིག་དྲུང་ཆེའི་ས་མིག་ཏུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ ནས་ཨོ་སི་ཀྲེ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་དངོས་སུ་ལས་བཅར་ཞུས་ཏེ་ཞབས་འདེགས་ཞུ་མུས།
༢༽ བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་མཆོག ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༩ ནས་དྲུང་ལས་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༣ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ ༡༩༩༩ ཟླ་ ༢ ཚེས་ ༥ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱི་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༩ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ ༢༠༡༦ ཟླ་ ༧ ཚེས་ ༢༥ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༩ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་བདེ་སྲུང་དྲུང་ཆེར་བསྐོ་གཞག་གིས་ཞབས་འདེགས་ཞུ་མུས།
༣༽ འཕྲོད་བསྟེན་དྲུང་ཆེ་གཙོ་གཙོ་དཔོན་དཔལ་ལྡན་དོན་གྲུབ་མཆོག ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༥ ནས་དྲུང་ལས་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་ཀ་སྦུག་བདེ་དོན་ལས་རོགས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡ ནས་ཀ་སྦུག་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡༣ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལ་ོ ༢༠༠༡ ཟླ་ ༣ ཚེས་ ༡ ནས་མེའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡༥ ནས་ཨོ་རི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༢༡ ནས་ར་ཝང་ལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་མོན་གྷོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༦ ནས་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ནས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་འཕྲོད་བསྟེན་དྲུང་ཆེར་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༤༽ ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༣ ནས་སྡེ་འགན་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་ཧུན་སུར་གཞིས་ལས་ཁང་གི་ལས་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༡༦ ནས་ཧུན་སུར་མཉམ་སྦྲེལ་རྩིས་པར་བསྐོ་གཞག ཕྱི་ལོ་ ༡༩༩༩ ཟླ་ ༡༢ ཚེས་ ༡༦ ནས་མོན་གྷོ་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ ༢༠༠༣ ཟླ་ ༡༡ ཚེས་ ༡ ནས་ལོ་ ༡ དང་ཉིན་གྲངས་ ༣༨ རིང་དམིགས་བསལ་ཕོོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༩ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༢༥ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་ལས་བྱེད་ལས་དོན་གཟེངས་ཐོན་བྱུང་བར་སྒྲིག་གསལ་ལོ་གཞིག་གི་ཞབས་ལོ་འཕར་མ་གསོལ་སྩལ་གནང་། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༣ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས།
༥༽ ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་བསམ་ཁང་ཚེ་རིང་ལྷ་མོ་ལགས། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༥ ནས་ལས་དོའི་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་སྒང་ཏོག་བདེ་དོན་ལས་ཁང་གི་ལས་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༡༤ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་ ༡༠་ཚེས་ ༢༦ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༩ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༤ནས་སྦིར་བོད་ཚོགས་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ནས་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ནས་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ ༢༠༡༩ ཟླ་ ༢ ཚེས་ ༡ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༦ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་སུ་ཞབས་འདེགས་ཞུ་མུས།
༦༽ བཀའ་དྲུང་ཡིག་ཚང་གི་ལས་བྱ་ཚུལ་ཁྲིམས་རྡོ་རྗེ་ལགས། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡ ནས་ལས་བྱ་ཡིག་གད་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱར་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༣ ནས་བཀའ་དྲུང་ཡིག་ཚང་གི་ལས་བྱ་ཡིག་གད་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།