ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༣ རེས་གཟའ་མིག་དམར།
༄༅། །བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣ ཉིན་འཁོོད་གནས་ནང་གསལ། དགོངས་མངའ་ལྟར་ཉེ་ཆར་རྒྱ་རྩིས་ས་ག་ཟླ་བའི་ཚེས་ ༨ བོད་ལུགས་ཧོར་ཟླ་ ༣ ཚེས་ ༨ ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༢ ཉིན་རྒྱ་ནག་ཟི་ཁྲོན་མངའ་ཁུལ་དུ་ས་ཡོམ་གྱི་འཇིགས་པ་ཆེན་པོས་རྒྱ་བོད་མི་རིགས་ཁྲི་ཚོ་དྲུག་བརྒལ་བ་རྐྱེན་འདས་སུ་གྱུར་བ་དང་། འབུམ་ཕྲག་མང་པོར་སྡོད་ཁྱིམ་བྲལ་བའི་དཀའ་ངལ་ཚབས་ཆེའི་ནང་ལྷུང་ཡོད་པ་དེ་དག་ལ་བྱམས་བརྩེའི་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དང་། ལྷག་པར་འདས་གསོན་ཡོངས་ཀྱི་འཕྲན་ཡུན་དགེ་བའི་སླད་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༤ བོད་ལུགས་ས་ག་ཟླ་བའི་ཚེས་ ༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སྤྱི་མགྲིན་ནས་སྨོན་ལམ་གསོལ་འདེབས་གཞི་རྒྱ་ཆེ་བ་ཞིག་གནང་རྒྱུ་ཐུགས་གཏན་འཁེལ་བ་བཞིན། གོང་ཚེས་ཉིན་བཙན་བྱོལ་གཞུང་གི་སྲི་ཞུའི་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མ་མཉམ་བཞུགས་གནང་རྒྱུ་ཡིན་འདུག