༢༠༡༠ ཟླ་ ༧ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་ས་གནས་འགོ་འཛིན་ལས་ཁང་གིས་བཏང་གནས། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༦ ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ བར་བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་གཞིས་ཆགས་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཇི་ཞུས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས། བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་གཞིས་ཆགས་འདི་ཕྱི་ལོ་ ༡༩༦༢ ནས་འགོ་ཚུགས་པ་ནས་བཟུང་ཐོག་མར་མི་འབོར་ ༦༠༠ ཙམ་ཡོད་ཀྱང་ད་ཆ་མི་འབོར་འཕེལ་རྒྱས་ཀྱི་ཕོ་མོ་དབྱེར་མེད་གྲངས་ ༨༡༢ ཙམ་ཡོད། བལ་ཡུལ་ནང་ཆབ་སྲིད་གནས་སྟངས་སྐྱོ་སྟབས་ཚོང་ལས་མེད་པ་དང་སྐྱེ་ལྡན་བསོད་ནམ་གྱི་ལས་གཞིའི་ས་ཆ་མེད་པས་དེང་སྐབས་གཞིས་མི་ཚང་མས་ཚོང་ཙག་ཙིག་བརྒྱབ་སྟེ་འཚོ་བ་སྐྱེལ་བཞིན་ཡོད་པས་འཚོ་བའི་གནས་སྟངས་ཤིན་ཏུ་སྐྱོ། འོན་ཀྱང་ཕྱི་ལོ་ ༡༩༦༢ ནས་བཟུང་ད་བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལམ་སྟོན་འོག་ཤར་བསྐྱོད་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། འཕྲོད་བསྟེན་ཚོགས་ཆུང་། བཀའ་དགོན་བྱང་ཆུབ་ཆོས་གླིང་། སྔགས་དགོན། ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ཆོས་སྲིད་ཀྱི་ཞབས་ཞུའི་རྟེན་གཞི་ཆ་ཚང་ཡོད་ཀྱང་མི་མང་གི་འཚོ་བའི་མིག་བརྟེན་འདི་ཡིན་ཞེས་མེད་པ་རེད། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་མི་མང་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡར་རྒྱས་གཏོང་ཆེད་བརྙན་འཕྲིན་འཁོར་ཐག་གནང་བཞིན་པ་དེ་བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་ས་གནས་ལས་བྱེད་ནས་སྔོན་མ་སྤོག་རའི་བརྙན་འཕྲིན་བརྒྱུད་རིན་མེད་ཐོག་བསྟན་གྱི་ཡོད་ཀྱང་ཕྱིས་སུ་འཁོར་ལེབ་རེར་བསྟན་གླ་སྒོར་ ༥༠༠ ནས་ ༡༠༠༠ བར་ལེན་གྱི་ཡོད་སྟབས་དཀའ་ངལ་གྱི་གནས་སུ་གྱར་ཡོད། འོན་ཀྱང་དཀའ་ངལ་ཆེ་ཆུང་ལ་མ་ལྟོས་པར་སྐབས་རེ་བརྙན་འཕྲིན་དང་མང་ཆེ་བ་བརྒྱ་ཤོག་རིམ་བརྒྱུད་ལ་འཁོར་ལེབ་གཡར་ནས་མི་ཚང་སོ་སོའི་ནང་བལྟས་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་ཁག་ནས་གསལ་བསྒྲགས་བྱ་དགོས་ཕེབས་རིགས་གཞིས་སྤྱིའི་ལས་ཁུངས་ནས་མི་མང་ལ་གསལ་བསྒྲགས་སྦྱར་དཔང་ཐོག་ཡིག་ཆ་སྦྱོར་བཞིན་ཡོད། དེ་ནས་གསལ་བསྒྲགས་གལ་ཆེའི་རིགས་བརྒྱ་དཔོན་བརྒྱུད་མི་མང་གྲོང་རེ་བཞིན་བརྡ་ཁྱབ་ནན་ཏན་ཞུས་དང་ཞུ་མུས་ཡིན། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༨ འཁོད་འཁོར་ལེབ་བོད་གཞུང་མང་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་གསུམ་བཅུ་དུས་དྲན་ཐེངས་ ༥༠ བཅས་ཀྱི་འཁོར་ལེབ་འབྱོར་བ་དེ་མང་ཚོགས་ལ་ཟླ་ ༧ ཚེས་ ༦ ཉིན་དགོང་དྲོ་བསྟན་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༨ འཁོད་འཁོར་ལེབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཁག་གཉིས་སུ་ཆིབས་སྒྱུར་དང་ལས་བསྡོམས་ཚོགས་ཆེན། དེ་བཞིན་ཀོ་ལེ་གྷལ་དོན་ལྡན་གླིང་མི་མང་དང་དགེ་སློབ་ཡོངས་ལ་སྩལ་བའི་བཀའ་སློབ་ཁག་བཅས་འཁོར་ལེབ་གྲངས་གཉིས་འབྱོར་བ་དེ་མང་ཚོགས་ལ་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཉིན་དགོང་དྲོ་བསྟན། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༦ འཁོད་འཁོར་ལེབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དང་བཀའ་བློན་ཁྲི་པའི་འོས་འདེམས་ ༢༠༡༡ བཀའ་ཁྲི་མཆོག་གིས་རྡ་སྟེང་བོད་རིགས་སློབ་ཕྲུག་རྣམས་ལ་ད་ལྟའི་བོད་ཀྱི་གནས་བབ་དང་འབྲེལ་བའི་ཐོག་གནང་བའི་གསུང་བཤད། (Commemorating 50 Years in Exile)བཅས་འཁོར་ལེབ་གྲངས་ ༥ ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༧ ཉིན་བཏང་འབྱོར་བྱུང་བ་རྣམས་གཞིས་སྒར་ནང་བརྒྱ་ཤོག་གསུམ་ཡོད་སྟབས་བརྒྱ་ཤོག་སོ་སོའི་ཁང་རིམ་བརྒྱུད་བསྟན་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༧ འཁོད་འཁོར་ལེབ་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་སྲུང་བརྩི་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཡུལ་གྲུ་ཁག་གསུམ་ནང་བསྐྱངས་པའི་མཛད་འཕྲིན། བོད་གཞུང་གི་ལོ་ལྔ་ཚན་གྱི་འཆར་གཞི་བཞི་པ་གསལ་བསྒྲགས། ༸གོང་ས་མཆོག་ནས་རྒྱ་བོད་ཚོགས་ཆེན་དབུ་འབྱེད་སོགས་ཀྱི་བརྙན་འཕྲིན་འཁོར་ལེབ་གྲངས་ ༢ ཕྱི་ཟླ་ ༡༡ ཟླ་ ༨ ཉིན་འབྱོར་བ་གཞིས་སྒར་མི་མང་འདུ་འཛོམས་སྐབས་བསྟན་ཡོད། རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ དང་། ཕྱི་ཟླ་ ༢ ཚེས་ ༨ ཕྱི་ཟླ་ ༤ ཚེས་ ༦ ཕྱི་ཟླ་ ༥ ཚེས་ ༢༠ སོ་སོར་བརྙན་འཕྲིན་འཁོར་ལེབ་འབྱོར་རིམ་བཞིན་མི་མང་འདུ་འཛོམས་དང་། ཡང་ན་བརྒྱ་ཤོག་གསུམ་གྱི་ཁང་རིམ་རེ་མོས་ཀྱི་བསྟན་ཡོད། ས་གནས་སུ་ཕྱིའི་གནད་ཡོད་མི་སྣ་ཁག་དང་ལྷག་པར་བོད་དོན་ཐོག་དོ་སྣང་གནང་མཁན་ཕེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལྟ་གྲུབ་སྐོར་གསལ་བཤད་གང་ཡོང་ཅི་ཡོང་ཞུ་གི་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་བོད་ཀྱི་གནས་སྟངས་ཛ་དྲག་ཐོག་གནས་ཡོད་པ་སོགས་འགྲེལ་བརྗོད་ཞུ་མུས་ཡིན། དེ་མིན་དྲ་རྒྱའི་ནང་བོད་དོན་སྐོར་གནས་ཚུལ་གསར་པ་ཇི་ཐོན་གཞིས་སྒར་མི་མང་དང་ཕྱི་མིར་གསལ་རྟོགས་ཡོང་སླད་སྦྱར་དཔང་ཐོག་སྦྱོར་བཞིན་ཡོད། ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལས་རིམ་བདུན་རེའི་གསར་ཤོག བོད་༸༣༩༢༨ཀ༸༣༩༥༤ཀའི་རང་དབང་དང་། གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཁག་རིམ་བཞིན་བཏང་འབྱོར་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བལ་ཡུལ་སྤོག་ར་ས་འགོ་སོགས་ཀྱིས་གསར་ཤོག་ཁག་མང་ཚོགས་ལ་བགོས་འགྲེམས་དང་དམིགས་བསལ་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཁག་ནམ་རྒྱུན་ནས་དོ་སྣང་ཅན་གྱི་མི་སྣར་བགོས་འགྲེམས་བྱས་ཏེ་གནད་དོན་དུས་ནས་དུས་སུ་གཞན་ལ་གསལ་བཤད་གནང་རོགས་ཞེས་འབོད་སྐུལ་ཡང་ཞུ་གི་ཡོད། བོད་གཞུང་ཕྱི་དྲིལ་ལས་ཁང་ནས་ཆབ་སྲིད་དྲིལ་བསྒྲགས་བཏང་འབྱོར་བྱུང་རིགས་ཁག་ནར་ལུས་མ་བཏང་བར་དུས་ནས་དུས་སུ་འབད་བརྩོན་གང་ཡོད་བྱས་ཡོད་པ་མ་ཟད་། འཁོར་ལེབ་ཀྱི་འབྱོར་ལན་ཡང་འབུལ་བཞིན་ཡོད་པ་བཅས།