༢༠༡༡ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༠ སྟབས་བསྟུན་མཧཱ་གུ་རུའི་འབུམ་ཚོགས་ཞིག་འབུམ་གཤོམ་ཞུ་མུས་བཞིན་ཉིན་ལྔའི་རིང་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་དབུ་མཛད་དང་དགེ་འདུན་རྣམ་པས་དབུས་རྡ་སའི་ཁུལ་དུ་གནས་འཁོད་རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་སྔགས་གསུམ་དང་། གཞན་ཡང་གཉུག་མར་གནས་པ་དང་། གློ་བུ་ལྷགས་པའི་དགེ་བཙུན་སྔགས་གསུམ་མི་མང་བཅས་ལྷན་འཛོམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་དོན་བདེན་མཐའ་སེལ་ཐབས་སུ་དམིགས་ཏེ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུལ་གཤོམ་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུར་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་བག་ལེབ། དགུང་ཚིགས་དཀར་སྐྱོང་། སྐུ་འགྱེད་བཅས་འབུལ་ལམ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ནས་ཚེས་ ༡༡ བར་ཉིན་གྲངས་ལྔའི་རིང་ཚོགས་མཆོད་འབུལ་གཤོམ་དབུ་འཛུགས་གནང་འདུག་པ།
མཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།