༢༠༡༡ ཟླ ༧ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༤ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་སུ་ཡོད་པའི་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཕོད་མདོ་ས་གནས་ཁོངས་སུ་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༩༨ ལོ་ཙམ་ནས་གཏེར་ཁ་སྔོག་འདོན་བྱེད་འཆར་བྱས་ཡོད་པ་མ་ཟད། ཉེ་ལམ་དངོས་སུ་གཏེར་ཁ་ཤུགས་ཆེ་རྙེད་སོན་གྱིས་སྔོག་འདོན་བྱ་རྒྱུའི་ཆེད་ས་གནས་མང་ཚོགས་ནས་བཀག་འགོག་མི་ཡོང་བའི་ཆེད་རླངས་འཁོར་ཉོས་ཚེ་ལས་ཀ་སྤྲོད་རྒྱུ་དང་ལས་མེད་ཚོར་ལས་ཀ་སྤྲོད་རྒྱུའི་གསལ་བཤད་བྱས་ཡོད་ཀྱང་། གཏེར་ཁ་ཤུགས་ཆེ་དངོས་སུ་བཏོན་འགོ་ཚུགས་སྐབས་ས་གནས་མང་ཚོགས་ལ་ལས་གནས་སྤྲད་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ས་གནས་ཀྱི་ཤིང་སྣའི་རིགས་དང་། སྤང་རི། འཐུང་ཆུ་སོགས་ལ་གནོད་སྐྱོན་ཚབས་ཆེ་ཡོང་གི་ཡོད་པར་བརྟེན། གཏེར་ཁ་སྔོག་འདོན་བྱེད་རྒྱུ་མཚམས་འཇོག་ཡོང་ཐབས་སུ་ས་གནས་འབྲེལ་ཡོད་ཚན་པར་རེ་བ་བཏོན་ཡང་ཁས་ལེན་མ་བྱས་སྟབས། ཕྱི་ལོ་༢༠༡༡ ཟླ་ ༤ པའི་ནང་ས་གནས་མང་ཚོགས་ཁག་གཅིག་མ་གྲོས་བསམ་པ་གཅིག་མཐུན་གྱིས་དངོས་སུ་གཏེར་ཁ་སྔོག་ཡུལ་དུ་བསྐྱོད་དེ་གཏེར་ཁ་སྔོག་འདོན་བྱེད་རྒྱུ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་རྐྱེན་ས་གནས་དེ་གའི་ཡུལ་མི་རང་ལོ་ ༣༠ ལྷག་སོན་པའི་ངག་དབང་ཡེ་ཤེས་དང་། པདྨ་རྒྱལ་པོ། སྤེན་པ་རྒྱལ་མཚན། ཆོས་ཉིད་འོད་ཟེར་བཅས་གཙོ་བོའི་གྲས་སུ་བརྩིས་ཏེ་འཕྲལ་མར་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་དག་ཁྲོད་ནས་སྤེན་པ་རྒྱལ་མཚན་ལ་ཉེས་རྡུང་ཚབས་ཆེ་བཏང་ཡོད་འདུག་པ་དང་། ད་བར་མི་སྣ་བཞི་པོ་བཙན་འཁྲིད་བྱས་ཏེ་ཟླ་བ་གཉིས་ལྷག་སོང་ཡོད་ཀྱང་འཛིན་བཟུང་དུ་ཚུད་པའི་མི་སྣ་དེ་དག་རྫོང་དང་ལྷ་ས་ཁུལ་བཙོན་ཁང་ཡོད་ཚད་དུ་རྩད་གཅོད་བྱས་ཀྱང་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་འདུག རྫོང་འབྲེལ་ཡོད་ལས་ཁུངས་ནས་ཀྱང་ཁོང་རྣམས་གང་དུ་ཡོད་མེད་དང་ད་ལྟའི་གནས་སྟངས་གང་འདྲ་ཡིན་མིན་སྐོར་ལ་ནང་མིར་འགྲེལ་བཤད་རྩ་བ་ནས་མ་བྱས་པར་འཆི་སོན་ཇི་ཡིན་གྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར། འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ཕོད་མདོ་ས་གནས་སུ་ད་ལྟའི་གནད་དོན་ད་རེས་ཙམ་མ་ཡིན་པར་དེ་སྔ་གཙང་ཆུ་བཀག་སྟེ་གློག་ཁང་རྒྱག་རྒྱུར་ཁ་གཡར་ནས་ཆུ་རགས་བརྒྱབ་སྟེ་ཆུ་བོ་ཁ་བསྒྱུར་ཏེ་གཏེར་ཁ་འདོན་ཡུལ་དུ་བསྐྱོད་རྒྱུའི་ལམ་ཁ་བཟོས་པ་དང་། ས་གནས་མང་ཚོགས་གང་སར་གནས་སྤོ་བྱེད་བཅུག་པ། ཆུ་རགས་ལེགས་གྲུབ་མ་བྱུང་བར་ས་གནས་མང་ཚོགས་ལ་གྱོང་གུན་བྱུང་བ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀག་བཏང་ཡོད་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་འདུག་པ་བཅས། །
འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པར་མང་ཚོགས་ཀྱིས་ངོ་རྒོལ་གནང་བ།
གསར་གནས།
འབྲེལ་གནས།