༢༠༡༡ ཟླ་ ༧ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་རྒྱ་གར་ནས་ཆིབས་སྒྱུར་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༥ ཕྱེད་ཡོལ་ཆུ་ཚོད་ ༡།༣༠ མགོན་པོ་གང་ཉིད་མཆོག་ཨ་རིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་དང་། རྒྱ་གར་གཞུང་ཚབ་ཀྱི་སྐུ་ཚབ། དེ་བཞིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་ཨ་རིའི་རྒྱལ་ས་(Washington) DC ཝ་ཤིང་ཊོན་ཌེ་སི་པག་ཧེ་ཌི་(Park Hyatt)མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ཨ་ལག་རིན་པོ་ཆེ་མཆོག དེ་བཞིན་བཀའ་ཟུར་བློ་བཟང་དར་རྒྱས་མཆོག་གིས་དབུས་བོད་མི་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་པག་མགྲོན་ཁང་དུ་༸ཞབས་སོར་འཁོད་མ་ཐག་ཨ་རིའི་ཕྱི་སྲིད་ལས་ཁུངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་(Mario Otero)མ་རི་ཨོ་ཊོ་རི་ཡོ་མཆོག་དང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བདམས་ཐོན་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་བཅས་མཇལ་ཁ་སྩལ་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།