ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད། བོད་དང་ཧོང་ཀོང་གི་རང་སྐྱོང་གནས་བབ་སྤྲོད་རྒྱུར་ཁས་ལེན་བྱས་པའི་ཁ་དན་ཚིག་ལ་མ་གནས་པའི་བྱེད་བབ་ལ་སྐྱོན་བརྗོད་དང་སྦྲགས་གསལ་འདོན། Tibet and Hong Kong’ A spotlight on broken promises of China ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ལས་རིམ་ཞིག་བསྐོང་ཚོགས་གནང་གཏན་འཁེལ་འདུག
སྐབས་དེར་གསུང་བཤད་གནང་མཁན་ཁག་ནི། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Tugendhat མཆོག ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལོབ་ཊོན་ Tim Loughton མཆོག ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ཀིངྒ་མཐོ་སློབ་ཀྱི་ Lau China ཞེས་པའི་སློབ་གཉེར་ཁང་གི་འགན་འཛིན་དང་རྒྱ་ཡིག་སློབ་དཔོན་ཆེན་པོ་ Kerry Brown མཆོག་བཅས་ཡིན།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་དང་ཧོང་ཀོང་གཉིས་ལ་རྒྱ་ནག་གཞུང་གིས་རང་སྐྱོང་གནས་བབ་སྤྲོད་རྒྱུར་ཁས་ལེན་བྱས་པ་གཞིར་བཟུང་ཁ་དན་ཚིག་ལ་མ་གནས་པའི་གནས་སྟངས་གཅིག་མཚུངས་ Tibet and Hong Kong on the similarities of the broken promises of the Chinese regime ཞེས་པའི་ཐོག་གསུང་བཤད་གནང་རྒྱུ་དང་།
གཉིས་པ། གྲོས་ཚོགས་འཐུས་མི་ཊོམ་མཆོག་གིས། རྒྱ་ནག་གཞུང་ནས་བཟོས་པའི་དཀའ་ངལ་ལ་ད་ཆ་ཨིན་ཡུལ་གཞུང་གི་ལངས་ཕྱོགས Current UK position on challenges from China ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ།
གསུམ་པ། ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལོབ་ཊོན་མཆོག་གིས། བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར། Tibet (Reciprocal Access Bill) ཞེས་པའི་ཐོག་གསུང་བཤད་གནང་རྒྱུ།
བཞི་པ། སློབ་དཔོན་ཆེན་པོ་སྐུ་ཞབས་ཀེ་རི་མཆོག་གིས། རྒྱ་ནག་གཞུང་གི་ད་ལྟའི་སྲིད་བྱུས་དང་། དེར་རྒྱལ་སྤྱིའི་རྣམ་འགྱུར། Current China’s Policy and reaction from the International community ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ལས་རིམ་གཙོ་སྐྱོང་གནང་མཁན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཡིན་འདུག་པ་བཅས། །