༢༠༡༡ ཟླ་ ༦ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ས་ཟླའི་དུས་ཆེན་དང་སྟབས་བསྟུན་ཉིན་བཅོ་ལྔའི་རིང་གཞིས་མི་རྣམས་དགོན་པ་གཉིས་ཀྱི་མདུན་དུ་སྔ་དྲོ་ཆུ་ཚོད་ ༧ ནས་ ༩ བར་འདུ་འཛོམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭ་དང་། བསྟན་སྲིད། སྤྱི་མཐུན་གྱི་བསོད་ནམས་གོང་སྤེལ། ཕྱི་ནང་གི་ཡུལ་གྲུ་སྤྱི་དང་བཞུགས་སྒར་རྡ་ས་མཚོན་བོད་མི་གནས་སྡོད་ས་གནས་ཁག་ཏུ་ས་ཡོམ་སོགས་ཀྱི་འབྱུང་བའི་གནོད་འཚེ་རྨེད་མེད་དུ་ཞིག་སླད་ཞབས་རིམ་ཁག་གསོག་སྒྲུབ་ཞུས་པར་ཚེས་ ༡༠ ཉིན་ཧིན་སྒོར་ ༡༥༠༠༠།༠༠ བྱིའུ་ཚེ་ཐར་བཏང། ཚེས་ ༡༥ ཉིན་ཧིན་སྒོར་ ༤༧༥༠༠།༠༠ ཉ་རིགས་ཚེ་ཐར། དེ་བཞིན་བྱང་ཆུབ་ལྷ་ཁང་དང་། སྔགས་པ་གྲྭ་ཚང་གཉིས་སུ་ཚོགས་མཆོད་དང་མི་མང་ལ་ཚོགས་འགྱེད། བོད་སྒར་བསམ་ཡས་གླིང་གི་ཉེ་འགྲམ་རྒྱ་ལམ་དུ་ཡུལ་མི་ཡར་མར་སྐྱོད་མཁན་ཡོངས་ལ་ཆུ་མངར་མོ་དང་ཟས་སྦྱིན་བཏང་། ཕྱོགས་མཚུངས་བྷོཏ་བྷི་ཧར་དུའང་ཉིན་བཅོ་ལྔའི་རིང་དུས་མཚུངས་ནང་པའི་གཙུག་ལག་ཁང་དུ་མི་མང་རྒྱས་འཛོམས་ཀྱིས་ཞབས་རིམ་གསོག་སྒྲུབ་དང་། ཚེས་ ༡༠ དང་ ༡༥ ཉིན་ཡུལ་མིར་ཆུ་མངར་མོ་དང་ཟས༌སྦྱིན་བཏང་ཡོད་པ་བཅས།།
ས་ཟླའི་དུས་ཆེན་དང་སྟབས་བསྟུན་འབྱུང་བའི་གནོད་འཚེ་རྨེག་མེད་དུ་ཞིག་ཆེད་ཞབས་རིམ་གསོག་སྒྲུབ་ཞུས་པ།
གསར་གནས།
འབྲེལ་གནས།