ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །སྤྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ ཉིན་གྲྭ་ཆོས་མཆོག་ལགས་བཙོན་ཁང་ནས་གློད་གྲོལ་བཏང་འདུག གྲྭ་ཆོས་མཆོག་ནི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་ཆུ་ཁ། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཡིན་པ་དང་། ཁོང་ ༢༠༡༧ ཟླ་ ༡༢ ཟླ་མཇུག་ཏུ་དར་ལག་རྫོང་ཐོག་ནས་འཛིན་བཟུང་བྱས། ཁོང་འཛིན་བཟུང་མ་བྱས་པའི་སྔོན་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་རྒྱལ་གཅེས་པ་དཀོན་པེ་ལགས་ཀྱིས་རྔ་བ་ནས་རང་ལུས་མེར་སྲེག་བཏང་བའི་པར་ཞིག་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་པའི་མཚན་མོར་བློ་བུར་འཛིན་བཟུང་བྱས། ཁོང་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་དང་། ཁོང་གི་སྐུ་གཟུགས་ཀྱི་གནས་བབ། བཙོན་ཁང་ནས་མནར་གཅོད་ཅི་མྱོང་སོགས་ཤེས་རྟོགས་བྱུང་མེད། །