ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་བྱུང་ཡོད་ནའང་བཅད་ཁྲར་བརྩི་འཇོག་ཞུས་པའི་གསལ་བསྒྲགས་སྔོན་དུ་སྤེལ་ཟིན་ཀྱང་། སྐབས་བབས་གལ་ཆེའི་གནད་དོན་ཞིག་དང་། དགྲ་དགའ་གཉེན་སྡུག་ཡོང་ཉེན་བཅས་ལ་བསམ་གཞིགས། ལྷག་པར་བཀའ་ཟུར་སོགས་གནད་ཡོད་མི་སྣ་ཁག་ཅིག་ནས་ད་རེས་བཀའ་ཤག་གིས་དགོངས་པ་ཆེ་བཞེས་ཀྱིས་བཅད་ཁྲའི་བཀའ་ཁྱབ་ཉམས་ལེན་གནང་དགོས་པའི་སྐུལ་འདེབས་ཡིག་ངག་གཅིག་རྗེས་གཉིས་མཐུད་འབྱོར་བ་དང་། ལྷག་དོན་བོད་བསྟན་སྲིད་མི་རིགས་དང་བཅས་པ་གཉན་འཕྲང་ཉག་ཕྲའི་དུས་སྐབས་འདིར་བཅའ་ཁྲིམས་ལ་བརྟེན་པའི་དཀའ་རྙོག་ (constitutional crisis) མི་ཡོང་བའི་ཆེད་དུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༧ ཉིན་བཅད་ཁྲའི་བཀའ་ཁྱབ་ཉམས་ལེན་ཞུས་ཟིན་ཡོད་ནའང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ཉིན་ཞུ་སྦྱོར་བས་གསལ་བསྒྲགས་གནང་བའི་ནང་གླེང་མི་དགོས་པའི་གནད་དོན་འགའ་གླེང་འདུག་པར། བཀའ་ཤག་ནས་ཐོག་མའི་དམིགས་ཡུལ་ལྟར་སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ད་ལྟའི་ཆར་གསལ་བཤད་ལན་འདེབས་གང་ཡང་ཞུ་རྒྱུ་མིན་པ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ ལ།།