ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཏོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་འཕགས་ཤིང་དང་། འཇོ་ཁེལ་གཉིས་ཀྱི་ས་གནས་འཐུས་ཚོགས་སྐབས་ ༠༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཟུར་པ་ཚེ་གསུམ་ལྷ་མོ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ་སྔ་དྲོའི་ཚོུད་ ༩ ཐོག་འཕགས་ཤིང་དང་།
ཉིན་རྒྱབ་ཚོུད་ ༡ ཐོག་འཇོ་ཁེལ་ས་གནས་འཐུས་མི་རྣམས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་གནས་འདུག དེ་ཡང་འཕགས་ཤིང་ས་གནས་འཐུས་མི་ ༡༥ ནས་འཐུས་མི་ ༡༤ དམ་འབུལ་ཞུས་ཐུབ་ཡོད་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་པད་མ་ཚེ་དབང་ལགས་དང་།
ཚོགས་གཞོན་དུ་དཀོན་མཆོག་འཕྲིན་ལས་ལགས་འདེམས་ཐོན་བྱུང་འདུག་པ་དང་། འཇོ་ཁེལ་ས་གནས་འཐུས་མི་ ༡༥ ནས་འཐུས་མི་ ༡༡༤ དམ་འབུལ་ཞུས་ཏེ་ཚོགས་གཙོར་སྐལ་བཟང་ལྷ་མོ་ལགས་དང་། ཚོགས་གཞོན་དུ་ཚེ་རིང་རྣམ་རྒྱལ་ལགས་འདེམས་ཐོན་བྱུང་འདུག་པ་བཅས། །