༢༠༡༩ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སའི་ཌལ་མཚེའུ་ Dal Lake ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ Asia Health Resorts & Spa གསོལ་མགྲོན་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༢ པ་སྐོང་འཚོགས་གནང་ཡོད་འདུག ཚོགས་འདུ་འདི་བཞིན་ཕྱི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༢ བར་ཉིན་གྲངས་གཉིས་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་བཅར་བ་རྣམས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་དང་།
སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་མཆོག དྲིལ་བསྒྲགས་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས། ལྷོ་ཨ་རིའི་གླིང་ཆེན་གྱི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཀེ་ཚེ་རིང་ལགས། བཀའ་དྲུང་ཡིག་ཚང་གི་རྒྱ་ནག་
སྤྱིར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག་པ་བཅས།