ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པ་ཟུར་པ་དང་། རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་པདྨ་ཤྲཱི་བཞེས་མྱོང་མཁན་དགུང་གྲངས་ ༩༢ ཕེབས་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར་སྔ་དྲོ་ཆུ་ཚོད་ ༢།༥༣ ཐོག་རྡ་ས་མེག་གྷན་རང་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་༸སཀུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ཤུལ་ལུས་གཉེན་ཉེ་འབྲེལ་ཡོད་རྣམས་ལ་ཐུགས་གསོ་གནང་དོན།
གནས་ཚུལ་ཤེས་རྟོགས་བྱུང་གསལ། ཁ་སང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའོ་གནས་ཚུལ་བྱུང་ཡོད་འདུག་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཤག་བློ་ཕམ་ཆེན་པོ་བྱུང་ཞིང་། དམ་པ་དེ་ཉིད་ཀྱི་ཤུལ་ལུས་ནང་མི་སྤུན་ཉེ་ཡོངས་ལ་ཐུགས་གསོ་གཏིང་ཟབ་ཞུ་རྒྱུ་དང་། ༸སྐུའི་བླ་སྨན་པ་ཟུར་པ་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ། དམ་པ་དེས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་ཉེས་ལྷུང་ཐམས་ཅད་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་སྨོན་འདུན་ཞུ་རྒྱུ། ཐུགས་གསོ་དང་དཀར་མེའི་ཞལ་འདེབས་ཧིན་སྒོར་ ༥༠༠ དང་ལྷ་དར་འབུལ་ལམ་ཞུས་ཡོད་པ་བཅས། །