༢༠༡༩ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་ཚོགས་ཆུང་བཞི་ལ་ཆ་བགོས་ཀྱིས་གཤམ་གསལ་གྲོས་གཞིའི་ཐོག་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཡིན་འདུག
ཚོགས་ཆུང་དང་པོ།
ཚོགས་གཙོ། འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག དཔལ་ཡུལ་བླ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག ཚོགས་ཡུལ། ( ཆོས་རིགས་ལས་ཁུངས་ཚོགས་ཁང་། )
ཚོགས་ཆུང་གཉིས་པ།
ཚོགས་གཙོ། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག རུམ་བཏེག་མཁན་པོ་སྐལ་བཟང་ཉི་མ་མཆོག ཚོགས་ཡུལ། ( བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་། )
ཚོགས་ཆུང་གསུམ་པ།
ཚོགས་གཙོ། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག སྨིན་གྲོལ་གླིང་དགོན་པའི་སྐུ་ཚབ་མཁན་པོ་སངས་རྒྱས་རྒྱ་མཚོ་མཆོག ཚོགས་ཡུལ། ( ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་། )
ཚོགས་ཆུང་བཞི་པ།
བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་རིན་པོ་ཆེ་མཆོག སེར་བྱེས་མཁན་པོ་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་མཆོག ཚོགས་ཡུལ། ( བོད་ཀྱི་དཔེ་མཛོད་ཚོགས་ཁང་། )
གྲོས་གཞི་རྣམས་ནི།
༡ ༽ བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོ་གོང་སྤེལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ།
༢ ༽ཆོས་ལུགས་གཞན་དང་། ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ།
༣ ༽ གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ་དང་འབྲེལ་བཀའ་བསྡུར་གནང་རྒྱུ།
༤ ༽ དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར་གནང་རྒྱུ།
༥ ༽ གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་དགོངས་འཆར་དང་བཀའ་བསྡུར་གནང་འོས་གནང་རྒྱུ་བཅས།།