༢༠༡༡ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༣།༡༥ ཙམ་ལ་བཞུགས་སྒར་ཕོ་བྲང་ནས་མགོན་པོ་གང་ཉིད་མཆོག་ཕེབས་འགྲོ་བརྒྱུད་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མི་མང་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་གྱིས་རྡ་ཤོད་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་རྭ་བའི་ནང་༸ཞབས་སོར་འཁོད་མཚམས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་དང་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ད་ཐེངས་རྩེད་འགྲན་པ་(King’s XI Punjab)དང་(Decca Chargers)རྣམས་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་རྩེད་འགྲན་སྤྱན་བསྟར་ཞུ་རྒྱུ་ཡིན་འདུག་པ་བཅས། །