༢༠༡༡ ཟླ་ ༥ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་སྤྱི་འཐུས་རྣམ་པས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་ལྷན་ཚོགས་ཤིག་ཚོགས་ཡོད་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༣༠ ཉིན་སྐུ་ཞབས་ཡ་ཤི་ཝན་ཏི་སིནཱ་ (Mr.Yashwant Sinha) ལགས་ཀྱིས་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨེསི་ཨེམ་ཀི་རིཤ་ནཱ་ (Mr.S.M Krishna) མཆོག་ལ་ཀིརྟི་དགོན་པའི་གནས་སྟངས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བའི་ནང་འཁོད་དོན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་བོད་མི་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་དང་སྡུག་སྦྱོང་། མནར་གཅོད་དེ་བཞིན་རྐྱེན་འདས་སུ་ཕྱིན་པའང་བྱུང་ཡོད་པར་བརྟེན་པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་ནས་ད་ལྟ་ཀིརྟི་དགོན་པའི་གནས་སྟངས་ཞིབ་ཕྲ་གསལ་བཤད་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་ཆེད་རྫོངས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
ཕྱོགས་མཚུངས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་སུ་བསྐོངས་ཏེ་བཙན་ཁྲིད་བྱས་པའི་དགེ་འདུན་པ་རྣམས་ཀིརྟི་དགོན་པར་ཕྱིར་ལོག་བྱེད་རྒྱུ་དང་། དགེ་འདུན་པ་རྣམས་ལ་ཆོས་དད་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཞུ་དགོས་ལུགས་སོགས་འཁོད་ཡོད་པ་བཅས།།
རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་ཆེད་རྫོངས་གནང་དགོས་པའི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།