ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ནས་ཚེས་ ༢༣ བར་ཉིན་གྲངས་བཅུ་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། དེ་རྗེས་ཡུ་རོབ་ཁུལ་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རཱག་ Prague ཏུ་གླེང་སྟེགས་ཕྱི་ལོ་ ༢༠༠༠ Forum 2000 ཞེས་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། དེ་རྗེས་སྦར་སེལ་ Brussels དུ་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་གསར་པ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཁུལ་དེའི་མཛད་རིམ་གྲུབ་མཚམས་འཇར་མན་གྱི་གྲོང་ཁྱེར་ཕེ་རེངྐ་ཕོཌ་ Frankfurt ཏུ་ Schwarz Schilling Conference ཞེས་པའི་ལྷན་ཚོགས་སུ་བཅར་རྒྱུ་དང་། དེ་བཞིན་ཧྥ་རན་སིར་གནས་སྡོད་བོད་མི་མང་ཚོགས་དང་གནད་ཡོད་མི་སྣ་སོགས་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་བཅས། །