ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་
དེ་བཞིན་ཕྱི་ཚེས་ ༢༡ སྔ་དྲོའི་ཆུ་ཚོད་ ༡༠ ནས་ ༡༡།༣༠ བར་ཏཱཇ་མན་སིངྒ་མགྲོན་ཁང་དུ་མཁས་ དབང་དང་ཤེས་ལྡན་མི་སྣ། གཞུང་ཚབ་ལས་བྱེད་བཅས་དང་ལྷན་མོལ་མཛད་རྒྱུ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༢༢ སྔ་དྲོའི་ཆུ་ཚོད་ ༡༠།༣༠ ནས་ ༡༡།༤༥ བར་མ་ཐུ་རར་ཡོད་པའི་ཧིན་དུའི་ཆོས་ལུགས་ཀྱི་སྒྲུབ་ཁང་ (Sri Udasin Karhni Ashram) དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྟེ་ཧིན་དུའི་བླ་ཆེན་ Swami Karshni Gurushranandaji Maharaja མཆོག་དང་ལྷན་མོལ་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༢༣ སྔ་དྲོའི་ཆུ་ཚོད་ ༠༩།༣༥ ནས་ ༡༡།༣༠ བར་ཁུལ་དེའི་དགེ་སློབ་དང་བཅས་པར་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༢༥ སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་ལྡི་ལིར་ཡོད་པའི་ཧ་རི་ཇན་སྤྱི་ཚོགས་ཞབས་ཞུ་ཁང་ (Harijan Sevak Sangh, Gandhi Ashram) དུ་ཆོས་ལུགས་མཐུན་འབེྲལ་གྱི་མཛད་སྒོར་ ལྷན་ཞུགས་མཛད་རྒྱུ་དང་། མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཆིབས་སྒྱུར་མཛད་རྒྱུ་ཡིན་འདུག་པ་བཅས། །