༢༠༡༡ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པ་དང་ཤེས་རིག་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་གི་སྒྲིག་ཞུས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་སློབ་གྲྭའི་ནང་བོད་ཀྱི་ཁོར་ཡུག་གོ་རྟོགས་སྤེལ་ཆེད་སྐོར་སྐྱོད་ཀྱི་ལས་གཞི་རེ་ཞིག་ལེགས་གྲུབ་བྱུང་འདུག
དེ་ཡང་ཕྱི་ཚེས་ ༢༩ །༣༠ བཅས་ཉིན་གཉིས་རིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་ཆོས་སྐྱིད་ལགས་དང་འཇིགས་མེད་ནོར་བུ་ལགས་གཉིས་ཀྱིས་ཀ་སྦུག་གཏན་སློབ་དང་སྒང་ཏོག་སམ་བྷོ་ཊའི་སློབ་གྲྭ་སོ་སོར་སྐོར་སྐྱོད་ཀྱིས་ཁུལ་དེའི་སློབ་མ་རྒན་པ་ཚོར་བོད་ཀྱི་ད་ལྟའི་ཁོར་ཡུག་གནས་སྟངས་ཇི་ཡིན་སྐོར་གསལ་བཤད་གནང་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་སྟོང་ལ་ཉེ་བའི་གཅན་གཟན་གྱི་པགས་རིགས་བེད་སྤྱོད་དང་ཚོང་འབྲེལ་ལ་སོགས་པའི་ཁྲིམས་འགལ་གྱི་ཚོང་ལས་རིགས་ནམ་ཡང་མ་བྱེད་རོགས་ཞེས་སློབ་མ་སོ་སོའི་ཕ་མ་ཚོར་འབོད་སྐུལ་ཞུ་དགོས་པའི་བསླབ་བྱ་ནན་གཏན་གནང་ཡོད། ཕྱོགས་མཚུངས་འབྲེལ་ཡོད་སློབ་གྲྭ་སོ་སོའི་ནང་མ་སྐུལ་དང་བླང་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ནུས་སྤེལ་བཞིན་འདུག་པ་བཅས།།
བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པས་བོད་ཀྱི་ཁོར་ཡུག་གོ་རྟོགས་སྤེལ་ཆེད་སྐོར་སྐྱོད་ཀྱི་ལས་གཞི་ལེགས་གྲུབ་བྱུང་བ།
གསར་གནས།
འབྲེལ་གནས།