ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ ནས་ ༩ བར་ཉེ་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་བཞིན། ཕྱི་ཚེས་ ༦ ཉིན་ཉེ་ཧོང་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ངོ་ཕེབས་གནང་རྒྱུ་དང་། དེ་བཞིན་ཉེ་ཧོང་ནང་གི་གནད་ཡོད་མི་སྣ། གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད། བོད་བརྒྱུད་ནང་བསྟན་ཀྱི་ཆོས་ཚོགས་ཁག་ཏུ་འཚམས་འདྲི་གཟིགས་སྐོར་བཅས་གནང་རྒྱུ་ཡིན་པ་བཅས། །