༢༠༡༩ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན། ༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དུ། བོད་མི་དམ་ལྡན་སེར་སྐྱ་ཕོ་མོ་ཡོངས་ནས་གདུང་ཤུགས་དྲག་པོས། གསོལ་འདེབས་ཞལ་གསུང་མ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག ། ཅེས་པ་དང་། མ་ཎི་ཡིག་དྲུག་འགྲོ་གང་ཆེ་གསོག་སྒྲུབ་ཞུ་དགོས་འདུག་པའི་ཛ་དྲག་བཀོད་ཁྱབ་ཏུ། ཆོས་རིག་ལས་ཁུངས་ནས། ༢༠༡༩ ཟླ་ ༥ ཚེས་ ༡༠ ལ།