ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ནས་ ༡༢ བར་ཉིན་གྲངས་བཅུའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འཆར་དང་། དེ་བཞིན་ལེཊ་ཝི་ཡའི་རྒྱལ་ས་རིྭ་གར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་ཆེད་ཕེབས་གནང་རྒྱུ། གཞན་ཡང་ལི་ཐུ་ཡི་ན་ཡ lithuania རྒྱལ་ས་ཝིལ་ནས་ Vilnus དུ་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུའི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །