༢༠༡༩ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་བསམ་གྲུབ་གླིང་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚོགས་གཙོ་རྒན་བུ་གཅེས་ལགས་གློ་བུར་འདས་གྲོངས་སུ་གྱུར་པའི་གསར་འདེམས་ཚོགས་གཙོ་དང་། ཚོགས་གཞོན་གཉིས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཟུར་པ་ཚེས་གསུམ་ལྷ་མོ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འགོ་འཕྲལ་སེལ་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༤ཚེས་ ༦ ཉིན་བལ་ཡུལ་འཇོ་ཁེལ་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚབ་གསར་ཚོགས་གཙོ་བསོད་ནམས་བཀྲ་ཤིས་ལགས་དང་། ཚབ་གསར་ཚོགས་གཞོན་ཀརྨ་པདྨ་ལགས་རྣམ་གཉིས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་སར་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ།