ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་འཇར་མ་ནི་རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བཅུ་བཞི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེ ལ་པོ་མཆོག་གིས་སྤྱི་འཐུས་རྒྱུན་ ལས་ཚོགས་ཁང་དུ་སྣེ་ལེན་མཇལ་འཕྲ ད་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་གྲུབ་ཆ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་ སྐོར། གྲོས་ཚོགས་ཚོགས་དུས་དང་ཚོགས་འདུ འི་འགྲོ་ལུགས། བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་ འཕེལ་རིམ་སོགས་ངོ་སྤྲོད་གནང་རྗེ ས། སྐུ་མགྲོན་རྣམ་པས་རང་ཉིད་རེ་རེ་ བཞིན་ངོ་སྤྲོད་དང་འབྲེལ། བོད་ནང་ལ་རྒྱལ་གཅེས་དཔའ་བོ་དཔའ་ མོ་རྣམས་ཀྱིས་སྐུ་ལུས་མེར་བསྲེ གས་ཕུལ་བའི་སྐོར་དང་། བོད་པའི་ངོ་བོ་དང་འཐབ་རྩོད། བཙན་བྱོལ་བོད་མིའི་འོས་བསྡུའི་ སྐོོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ བྱུས་དང་དོན་གཅོད་ཁག་སོགས་ཀྱི་ སྐོར་དྲི་བ་ཕུལ་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོ ག་གིས་ལན་འདེབས་གསལ་བཤད་གནང་ཡོ ད།
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོ ག་གིས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིས་ས་གནས་འཐུས་ཚོགས་ཁག་ ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་ བྱེད་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲི ག་གནང་བཞིན་ཡོད་སྐོར་དང་། སྤྱི་འཐུས་རྣམ་པ་བོད་མིའི་གཞིས་ ཆགས་ཁག་ལ་ས་བགོས་ཕྱོགས་བསྐྱོད་ ཕེབས་བཞིན་ཡོད་པའི་སྐོར། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཇར་མ་ནི་རྒྱལ་ཁབ་ནང་བོད་དོན་རྒྱ བ་སྐྱོར་ཚོགས་པའི་ཚོགས་ཆེན་རིམ་ པ་གཉིས་ཚོགས་ཡོད་པའི་སྐོར་སོགས་ ཞིབ་འགྲེལ་གནང་སོང་།
མཐར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ མཆོག་གིས་ཁོང་རྣམས་ལ་བོད་དོན་ཐོ ག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ ཆེ་ཞུས་གནང་བ་མ་ཟད། སོ་སོའི་ས་གནས་ཀྱི་གྲོས་ཚོགས་ འཐུས་མིར་བོད་དོན་ཐོག་རྒྱབ་སྐྱོ ར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་ སྐུལ་ཞུ་རོགས་ཞེས་གསུངས་གནང་རྗེ ས། སྐུ་མགྲོན་རྣམས་ལ་དཔལ་ལྡན་ཚོགས་ གཙོ་སྦྲེལ་པོ་མཆོག་གིས་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་ རྟེན་ཕྱག་རྟགས་ཕུལ་བ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ ནང་གཟིགས་སྐོར་ཕེབས་གནང་ཡོད་པ་ བཅས། །