ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༨ ལོ་འདིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་གྱི་ཆ་ཤས་སུ་དེ་སྔ་བོད་མི་བཙན་བྱོལ་བ་རྣམས་ལ་ལམ་སྟོན་ཟིན་པ་ལྟར། རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་ཆེན་གྱི་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཆེན་གཉིས་འཛོམས་སྐབས་དེར། གོང་གི་ལས་འགུལ་སྤེལ་བ་ནི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེར་རྟེན་གཞི་བྱས་པའི་སྦིར་བོད་ཚོགས་བོད་མིའི་གཞིས་ཆགས་དང་། ཀུམ་རའོ་སྒ་པ། ཀུ་ལླུ་མ་ན་ལི། སྤོན་ཊ་ཆོལ་གསུམ། སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས། རྡ་རམ་ས་ལ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས། ས་ཊོན་ཁམས་ཀ༔ཐོག་བོད་མིའི་གཞིས་ཆགས་བཅས་དང་། གཞན་ཡང་ལྡེ་ར་ལྡུན། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་བོད་མིའི་གཞིས་ཆགས། སྦེང་ལོར་ལྷོ་སྤྱི་ལས་ཁུངས། མན་ཌི་བོད་མིའི་གཞིས་ཆགས། ཤེས་ལོངས། སྒང་ཏོག ཀོ་ལི་གྷལ་དོན་ལྡན་གླིང་། རན་ཇི་པོ་ཏཱ་ལ་བོད་མི་སུད་ཚོང་བ། ན་སིག་བོད་མི་སུད་ཚོང་བ། སྦེལ་ཀོབ་བདེ་སྐྱིད་སླར་གསོ། སིམ་ལ། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སོགས་ཀྱིས་ས་གནས་རྒྱ་གར་ཡུལ་མི་ཉམ་ཐག་ཚོར་དགུན་ཁའི་གྲང་ངར་གྱི་དཀའ་ངལ་སེལ་ཆེད་ཉལ་ཆས་དང་གོས་སྦྱིན་བཏང་སྟེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་བཅས། །