ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་སྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་ཕ་ཚབ་བམ་མ་ཚབ་གཉིས་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ལག་འཁྱེར་ཡིག་ཆ་ཁག་གི་ངོ་བཤུས་དང་འཚང་སྙན་བཅས་མངོན་དགའ་སློབ་གྲྭའི་ལས་ཁུངས་སུ་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ དགོང་དྲོ་ཆུ་ཚོད་ ༥ འགྱངས་མེད་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་པར་ཨང་དང་ཨི་མེལ་ཁ་བྱང་ངེས་པར་འཁོད་དགོས། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་ཁྱེར་དགོས།
དགོས་ངེས་ཆ་རྐྱེན་ཚང་དགོས་ཁག
༡༽ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
༢༽ དམའ་མཐར་འཛིན་རིམ་ལྔ་པ་ཐོན་པའམ་དེ་མཚུངས་ཚད་འཛིན་ལག་འཁྱེར་ཡོད་པའི་ངོ་བཤུས།
༣༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས།
༥༽ ཕྱི་ལུགས་སྨན་པའི་ཁྲག་ལུད་བརྟག་དཔྱད་ཞུས་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ཚད་ལྡན་ངོས་སྦྱོར་སྟེ་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།
༦༽ ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
༧༽ ཕྲུ་གུ་རང་ལོ་ ༥ མན་མཉམ་སྦྱར་མེད་པ་དང་། མ་ཚབ་བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་སྩལ་རྒྱུ།
༨༽ རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཡིག་ཆའི་ངོ་བཤུས།
༩༽ ཕ་ཚབ་མ་ཚབ་ལས་ཀ་བྱེད་མྱོང་མཁན་ལ་དམིགས་བསལ་གོ་སྐབས་འབུལ་རྒྱུ།
༡༠༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ ཉིན་ལ། །
འབྲེལ་གཏུགས་བྱ་ཡུལ།
Director
Ngoenga School for Tibetan Children with Special Needs
S.D.Road ,P.O. Kulhan -248001
Distt. Dehradun, Uttarakhand
Email: [email protected] , [email protected], www.ngoengaschool.org,
Ph: 0135-2607688/2607128