༄༅། །གཞུང་གི་བཙོན་པ་ཞེས་པའི་ཀྲའོ་ཙེ་དབྱང་གི་དེབ་དེའི་ཤོག་གྲངས་ ༩༣ ནང་བཀོད་དོན་བོད་ཀྱི་སྐོར་བཤད་མ་ཐག་ཀྲའོ་ཙེ་དབྱང་གིས་གསུང་དོན། ང་དང་ཧུའུ་ཡའོ་པང་གཉིས་ལ་གཅིག་མཐུན་གྱི་ལྟ་ཕྱོགས་ཤིག་ཡོད། དེ་ཡང་བོད་ནི་བོད་རིགས་ཁེ་གཙང་གི་ས་ཁུལ་ཞིག་རེད། མིག་སྔའི་ང་ཚོའི་བྱེད་སྟངས་དེས་རྐྱེན་པས་བོད་རིགས་ཚོས་རྒྱ་མི་དང་དམག་དཔུང་ནི་ཁོ་ཚོའི་དབང་བསྒྱུར་བར་ངོས་འཛིན་བྱེད་ཀྱི་ཡོད། ས་དེའི་ཐོན་ཁུངས་ཉུང་ཉུང་རེད། ཡོད་རུང་དབོར་འདྲེན་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཐབས་ཤེས་ཡག་པོ་གཅིག་ནི། ཁོ་ཚོས་རང་བཙན་གྱི་རྒྱལ་ཁབ་གཅིག་མ་བསྒྲུབ་པ་དང་། བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་བྱས་ན། ང་ཚོས་ལག་པ་ལྷོད་དུ་བཏང་ནས་ཁོ་ཚོར་རང་སྐྱོང་བྱེད་འཇུག་དགོས། གོང་མ་ཁང་ཤིའི་དང་མན་ཆིང་སྐབས་ཀྱི་སྲིད་ཇུས་ཅུང་བཟང་བ་རེད། ད་ལྟའི་པཌྷ་ཆེནགྱི་ཡང་སྲིད་ཏཱ་ལའི་ཡིས་གཅིག་བདམས་ཡོད་པ་དང་། ང་ཚོས་གཅིག་བདམས་པ་རེད། ད་པཌྷ་ཆེན་གཉིས་ཆགས་ཡོད་པས་མ་འོངས་པར་ཕུགས་སྐྱོན་བཟོ་གི་རེད། མང་ཚོགས་དང་བོད་རིགས་ཀྱིས་ཏཱ་ལའི་ཡི་སྐད་ཆར་ཉན་གྱི་ཡོད་པ་དང་། མི་ལོ་སྟོང་ཕྲག་ཁ་ཤས་རིང་མི་རིགས་གཅིག་དང་ཆོས་ལུགས་གཅིག་གི་ལོ་རྒྱུས་ཡོད་པས། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན་ང་ཚོས་དེ་ལྟར་བྱས་པ་དེ་སྤྱང་པོ་གང་ཡང་མ་རེད། ཏཱ་ལའི་ཡིས་ངོས་འཛིན་བྱས་པའི་པཌྷ་ཆེན་དེ་ཡང་ང་ཚོས་སྔོན་འགྲོའི་འདེམས་སྒྲུག་བྱས་པའི་མི་འགྲོ་བཞིའི་ནང་ནས་གཅིག་རེད། འོན་ཀྱང་ཏཱ་ལའི་ཡིས་ངོས་འཛིན་བྱས་པར་བརྟེན་ང་ཚོས་ཁས་ལེན་བྱས་མེད་པ་རེད། བོད་ཀྱི་གནད་དོན་དེ་ཧ་ཅང་དམིགས་བསལ་རེད། ཤིན་ཅང་དང་ནང་སོག་གི་གནད་དོན་གིས་ཀྱང་བསྡུར་ཐབས་མེད། ནང་སོག་དང་ཤིན་ཅང་ནང་ང་ཚོ་རྒྱ་རིགས་མང་པོ་ཡོད་པ་རེད། ཡིན་ནའང་བོད་ནང་དེ་འདྲ་མ་རེད། དེར་བརྟེན་རྒྱལ་ཁབ་གོང་བུ་གཅིག་གྱུར་ཁས་ལེན་དང་། རྒྱལ་ཁབ་མ་བཙུགས་ཚེ། ང་ཚོས་གཞན་པ་དེ་དག་ལ་ཐེ་ཇུས་ཉུང་ཙམ་བྱེད་རྒྱུ་དང་སྐད་ཆ་ཉུང་ཙམ་བཤད་རྒྱུ་དེར་བསམ་བློ་གཏོང་ཆོག ཞེས་འཁོད་འདུག
གསར་གནས།
འབྲེལ་གནས།