༢༠༡༨ ཟླ་ ༡༠ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གོང་ཚེས་ཉིན་བོད་ཁང་ T-Building གི་ཚོགས་ཁང་ནང་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་དང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲུབ་འབྲས། དེང་སྐབས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ནི་ཡུ་གུར་ Xinjiangདང་ཧོང་ཀོང་། Hong Kongཐེ་ཝན། Taiwanམ་ཀའོ་Macauབཅས་ལས་ཤུགས་ཆེ་བ་ཡོད་པའི་གནས་སྟངས་སོགས་ཆུ་ཚོད་གཉིས་ཙམ་རིང་གསུང་བཤད་གནང་ཡོད། དེ་ཡང་ཉེ་ལམ་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཏུ་ཞི་བདེའི་གླེང་སྟེགས་ ༢༠༠༠ ཞེས་པར་ཕེབས་ནས་བོད་དོན་སྐོར་གཏམ་བཤད་གནང་སྐབས་དོ་སྣང་བྱེད་མཁན་མང་པོ་ཡོད་པ་མ་ཟད།
ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ནས་ད་ཆ་འཛམ་གླིང་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཆེ་ཤོས་ཆགས་ཡོད་སྐོར་གསུངས། དེ་བཞིན་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཐེ་ཝན་དང་ཧོང་ཀོང་ནང་གི་གཞུང་འབྲེལ་མི་སྣ་སོགས་ཕྱི་རྒྱལ་ཡུལ་གྲུ་གཞན་དང་གཞན་དུ་ཕེབས་རྒྱུར་དམ་དྲག་བྱེད་བཞིན་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་འབྲེལ་ཡོད་རྒྱལ་ཁབ་གང་དུ་ཕེབས་ཀྱང་འགོག་རྐྱེན་གང་ཡང་མེད་པར་རང་དབང་ཐོག་ནས་ཕེབས་ཐུབ་བཞིན་ཡོད་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཐུབ་ཡོད་སྐོར། ཕྱོགས་མཚུངས་ཉེ་ལམ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སྐོར་སོགས་གསུངས།