ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྒྱ་གར་རྒྱལ་ཡོངས་བོད་པ་གཞོན་སྐྱེས་རིག་རྩལ་ཚོགས་འདུ་ཞིག་ཚོགས་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ནུས་ཤུགས་གོང་སྤེལ་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོན་གསལ་ལགས་ཀྱིས་གཙོས་རྒྱ་གར་ནང་གི་མཐོ་སློབ་འདྲ་མིན་ཁག་ ༣༧ ནས་བོད་པའི་སློབ་ཕྲུག་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།
སྐབས་དེར་བསྟན་འཛིན་སྒྲོན་མཛེས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ངོ་སྤྲོད་དང་འབྲེལ། འཆར་སྣང་དེའི་ཐོག་གཞོན་སྐྱེས་ངོས་ནས་འགན་གང་འཁུར་དགོས་པའི་སྐོར་གསུང་བཤད་གནང་།
དེ་ཡང་ཚོགས་ཆེན་གྱི་དམིགས་ཡུལ་ནི། བོད་རིགས་གཞོན་སྐྱེས་རྣམས་མཉམ་འཛོམས་ཐོག་བོད་དོན་ལས་འགུལ་རྒྱ་སྐྱེད་ཇི་ལྟར་གཏོང་དགོས་པའི་ཐོག་གོ་བསྡུར་སྦྱང་བཤད་དང་སློབ་ཕྲུག་ཚོགས་པའི་ནུས་ཤུགས་གོང་ཐོར་གཏོང་རྒྱུ་ཡིན་འདུག་པ་བཅས། །